༈ །།སསྟི། མཆོག་ཏུ་དུལ་བའི་རི་དྭགས་ལྤགས་པ་ཕྲག་པ་གཡོན་ནས་སེ་རལ་ཁར་འཛིན་ཅིང། །བུང་བ་ལྟར་ གནག་རལ་པའི་ཁུར་གྱིས་མཛེས་ཤིང་ཟླ་ཟེར་དུང་ལྟར་དཀར། །བུད་མེད་སྐེམ་པའི་མཛེས་པའི་སྐེད་སྐབས་གཡེན་གྱི་ཕྱོགས་སུ་ཡིད་ཙམ་འཁྱོགས། །པད་ཟླའི་སྟེང་ན་གཡས་རོལ་སྟབས་ཀྱིས་ཀུན་ནས་བརྗིད་པའི་འགྱིང་བག་ཅན། །ཕྱག་གཡས་མཆོག་ སྤྱིན་སྤྲིན་གྱིས་བདུད་རྩིའི་ཆར་འབེབས་ཡི་དྭགས་རེ་བསྐོང། །ཉེས་བརྒྱས་གོས་པ་མེད་མཚོན་པད་དཀར་སྡོང་བུ་གཡོན་གྱིས་ཐུགས་ཀར་འཛིན། །མཐོང་ཐོས་དྲན་པ་ཙམ་གྱིས་སྲིད་པའི་འདམ་ནས་འགྲོ་བ་འདྲན་མཛད་པ། །ཁ་སརྦ་ཎི་བདག་གི་ཡིད་ [020B]